ཁམས་གློག་བརྙན་ལས་གཞི་སྐོར།


ཕྱི་ལོ་༢༠༠༦ལོར། ང་ཚོ་ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་གངས་ལྗོངས་དཔེ་མཛོད་ཁང་དང་མ་གཅིག་ཚོགས་པའི་མགྲོན་འབོད་དང་བསྟུན་ནས་བོད་ཡུལ་ཁམས་ཕྱོགས་སུ་ཡུལ་སྐོར་དུ་ཕྱིན་པ་ཡིན། ས་ཕྱོགས་དེ་གའི་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་གི་ས་ཚིགས་དང་སློབ་གྲྭ། གཞན་དགའ་མོས་བྱེད་ས་རྣམས་ལ་དཔྱད་ཞིབ་དང་ཟིན་འགོད་བྱ་ཆེད། ང་ཚོའི་ཚན་ཁག་གིས་ཁྲོན་བོད་ཞིང་ཆེན་རིམ་པའི་ཞིབ་འཇུག་ལྟེ་གནས༼SPTI༽ཀྱི་དགེ་རྒན་ཆེན་མོ་ཁག་ཅིག་དང་མཉམ་ལས་བྱས་པ་ཡིན། སྐབས་དེར་ང་ཚོའི་གློག་བརྙན་བཟོ་སྐྲུན་ཀྱི་ཤེས་བྱ་རྣམས་བོད་མི་མང་པོ་ཞིག་དང་མཉམ་རོལ་བྱེད་པའི་གོ་སྐབས་བྱུང་བ་མ་ཟད། ཁོ་ཚོའང་བྱ་རིམ་དེར་དགའ་མོས་བྱུང་། ཁོ་ཚོའི་སེམས་ཤུགས་ནི་ཡ་མཚན་སྐྱེས་དགོས་པ་ཞིག་ཡིན་མོད་ཀྱང་། སློབ་གསོ་དང་ཐབས་ལམ། ཡང་ན་ཁོ་ཚོའི་དགའ་མོས་དེ་གཏིང་ཟབ་ཏུ་གཏོང་བའི་གོ་སྐབས་ནི་ཉག་ཕྲ་བའི་གནས་སུ་གྱུར་འདུག་པས། གནས་ཚུལ་འདིས་ང་ཚོར་ཁམས་གློག་བརྙན་ལས་གཞི་འདི་འགོ་འཛུགས་པའི་སྤོབས་པ་བསྐྱེད་སོང་།

ང་ཚོའི་ཐབས་ལམ་དེ་ནི་མཉམ་ཞུགས་གཟུགས་ལམ་ཟབ་སྦྱོང་གི་སློབ་ཁྲིད་དང་མཐུན་སྦྱོར་བྱེད་པ་ནས་འགོ་བརྩམས་ཏེ་བརྒྱུད་སྦྲེལ་གློག་བརྙན་ལས་རིམ་དང་བོད་མི་གློག་བརྙན་བཟོ་མཁན་ཀྱི་བཟོ་སྐྲུན་ལས་ཀ ང་ཚོ་སྒེར་གྱི་གློག་བརྙན་བཟོ་སྐྲུན་བར་དུ་རིམ་བརྒྱུད་ཀྱིས་རྒྱ་སྐྱེད་བྱས་ཡོད། ང་ཚོའི་ཚོགས་པའི་ཐོག་མའི་ལོ་འཁོར་འགར། ང་ཚོའི་ལས་གཞི་རྣམས་དམིགས་བསལ་དུ་ཁམས་སུ་ཁ་ཕྱོགས་གཏད་པ་ཡིན་མོད། འོན་ཀྱང་ཕྱིས་སུ་ང་ཚོས་རྒྱ་བསྐྱེད་ནས་ཨ་མདོ་དང་འབྲུག་གི་གློག་བརྙན་བཟོ་མཁན་རྣམས་དང་མཉམ་ལས་བྱས་པ་མ་ཟད། ད་དུང་ཨ་རིར་ཧུར་བརྩོན་གྱིས་བོད་ཀྱི་གློག་བརྙན་བཟོ་མཁན་རྣམས་ཀྱི་གློག་བརྙན་གོང་སྤེལ་གྱི་ལས་ཀ་སྒྲུབ་བཞིན་ཡོད། ཁམས་གློག་བརྙན་ལས་གཞི་འདི་རྒྱུན་དུ་འཕེལ་འགྱུར་འགྲོ་བཞིན་ཡོད་ལ། མཉམ་ལས་ཀྱི་དམ་བཅའ་གཙོ་ཆེན་ཞིག་དང་ལེགས་བཅོས། རང་གཏམ་བརྗོད་ཚུལ་བཅས་ཀྱིས་ང་ཚོར་ལམ་སྟོན་བྱས་ཡོད།

- ལེན་ཐྲོའུ་དང་ནེལ་སིན་ཝོ་ཁིར་ནས།


འཁྲབ་ཁྲིད་པ།

+ ལེན་ཐྲོའུ།

Lynn True

བྷི་རང་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་གྲོང་ཁྱེར་ཞིབ་འཇུག་དང་ཁང་བཟོ་རིག་པའི་མཉམ་འབྲེལ་བསླབས་གནས་ཐོབ་རྗེས། ལེན་གྱིས་རྒྱལ་ཡོངས་རྒྱང་སྒྲོག་སྡེ་ཚན༼NBC༽གྱི་གསར་འགྱུར་ཁང་དང་སྤྱི་སྤྱོད་རྒྱང་སྒྲོག་སྲི་ཞུ་ཁང༼PBS༽དུ་རང་རྐྱའི་གཏམ་རྒྱུད་གློག་བརྙན་དང་དངོས་ཟིན་གློག་བརྙན་གྱི་ལས་རིམ་སྒྲུབ་པའི་འགན་ཁུར། ཁོང་མོས་ཨི་དེང་པ་རེ་བ༼iThemba|Hope༢༠༠༥ལོར་གསམ་ཊིན་སིའི་ལེ་ཚན་དུ་བཏང་།༽དང་ལོའུ་མོ༼Lumo༢༠༠༧ལོར་སྤྱི་སྤྱོད་རྒྱང་སྒྲོག་སྲི་ཞུ་ཁང་གི་བསམ་ཕྱོགས་གནད་དོན་བརྒྱུད་སྦྲེལ་དུ་འཁོད་ལ། སློབ་མའི་རིག་གཞུང་རྟགས་མ་ཐོབ།༽། ཕི་བྷོ་སྦྲིའི་རྟགས་མ་ཐོབ་པའི་དབྱར་མཚེར༼༢༠༡༢ལོར་སྤྱི་སྤྱོད་རྒྱང་སྒྲོག་སྲི་ཞུ་ཁང་གི་རང་རྐྱའི་བླངས་བརྙན་བརྒྱུད་སྦྲེལ་དུ་འཁོད།༽ བཅས་འདུ་བའི་གློག་བརྙན་ཧ་ཅང་མང་པོ་ཞིག་བཟོ་སྐྲུན་བྱས་ཡོད། ད་ལྟ་ཁམས་གློག་བརྙན་ལས་གཞིའི་འགོ་འཛིན་བྱེད་པ་མ་ཟད། ཁོང་མོས་ད་དུང་མེའུ་ཟེལ་གློག་བརྙན་ཁང་དུ་ཧར་ལེན་གྱི་ཁོང་གོ་ཞེས་པའི་གློག་བརྙན་བརྒྱུད་སྦྲེལ་ལས་རིམ་གྱི་བྱ་བར་འབད་བཞིན་ཡོད་ལ། ཉམས་མྱོང་ལྡན་པའི་གློག་བརྙན་བཟོ་སྐྲུན་མཁན་ཏེ་ཨར་བྷིར་ཊི་མེའུ་ཟེལ་དང་མཉམ་དུ་བརྙན་རིས་ཀྱི་གོ་རིམ་ཆ་ཚང་རྒྱང་སྐྱོད་ཀྱི་མེ་འཁོར་དུ་བྱུང་བའི་ཨ་རིའི་དངོས་ཟིན་གློག་བརྙན་རིང་མོའི་ལས་ཀར་ཧུར་བརྩོན་བྱེད་མུས་སུ་མཆིས་སོ།

+ ནེལ་སིན་ཝོ་ཁིར།

Nelson Walker III

ལེལ་སིན་ནི་གསར་རྙེད་ལེ་ཚན་དང་ལོ་རྒྱུས་ཀྱི་ལེ་ཚན། སྤྱི་སྤྱོད་རྒྱང་སྒྲོག་སྲི་ཞུ་ཁང༼PBS༽གི་ནོ་ཝ་བཅས་ཀྱི་དངོས་ཟིན་གློག་བརྙན་གྱི་ལས་ཀར་ཞུགས་མྱོང་བ་ཡིན་ཏེ། དེ་ནས་བཟུང་ཁོ་རང་གི་མདུན་ལམ་ལ་འཕོ་འགྱུར་བྱུང་། ཁོང་གིས་ཨི་དེང་པ་རེ་བ༼iThemba|Hope༢༠༠༥ལོར་གསམ་ཊིན་སིའི་ལེ་ཚན་དུ་བཏང་།༽དང་ལོའུ་མོ༼Lumo༢༠༠༧ལོར་སྤྱི་སྤྱོད་རྒྱང་སྒྲོག་སྲི་ཞུ་ཁང་གི་བསམ་ཕྱོགས་གནད་དོན་བརྒྱུད་སྦྲེལ་དུ་འཁོད་ལ། སློབ་མའི་་རིག་གཞུང་རྟགས་མ་ཐོབ།༽། ཕི་བྷོ་སྦྲིའི་རྟགས་མ་ཐོབ་པའི་དབྱར་མཚེར༼༢༠༡༢ལོར་སྤྱི་སྤྱོད་རྒྱང་སྒྲོག་སྲི་ཞུ་ཁང་གི་རང་རྐྱའི་བླངས་བརྙན་བརྒྱུད་སྦྲེལ་དུ་འཁོད།༽བཅས་འདུ་བའི་གློག་བརྙན་ཧ་ཅང་མང་པོ་ཞིག་བཟོ་སྐྲུན་བྱས་མྱོང་། ཁམས་གློག་བརྙན་ལས་གཞིའི་འགོ་འཛིན་གྱི་འགན་བཞེས་པ་མ་ཟད། ཁོས་ད་དུང་ཧར་ལེན་མེའུ་ཟེལ་གློག་བརྙན་ཁང་དུ་ཧར་ལེན་གྱི་ཁོང་གོ་ཞེས་པའི་གློག་བརྙན་བརྒྱུད་སྦྲེལ་ལས་རིམ་གྱི་བྱ་བ་སྒྲུབ་བཞིན་ཡོད། ད་ལྟ་ཁོང་གིས་ཉམས་མྱོང་ལྡན་པའི་གློག་བརྙན་བཟོ་སྐྲུན་མཁན་ཏེ་ཨར་བྷིར་ཊི་མེའུ་ཟེལ་དང་མཉམ་དུ་ཨ་རིའི་མེ་འཁོར་ཡུལ་སྐོར་ཐད་ཀྱི་གློག་བརྙན་ཞིག་གི་བྱ་བ་སྒྲུབ་བཞིན་ཡོད། ནེལ་སིན་བྷི་རང་སློབ་ཆེན་ནས་སློབ་མཐར་ཕྱིན་ལ། ཁི་ལོམ་བྷི་ཡ་སློབ་ཆེན་དུ་གློག་བརྙན་འཁྲབ་ཁྲིད་ལ་སྦྱངས་རྗེས་མཛེས་རྩལ་ཞིབ་འཇུག་གི་བསླབས་གནས་ཐོབ་ཡོད།

མཉམ་སྦྲེལ་པ།

+ མཁའ་བྱམས་རྒྱལ།

Khashem Gyal

མཁའ་བྱམས་རྒྱལ་ནི་མཚོ་སྔོན་མི་ རིགས་སློབ་ཆེན་དུ་བོད་ཀྱི་རྩོམ་རིག་ལ་ཆེད་གཉེར་བྱས་ཏེ་སློབ་མཐར་ཕྱིན་ཞིང་། ཁོང་ཉིད་ད་ལྟ་མཐོ་སྒང་འདྲ་པར་རྒྱག་མཁན་ཁྲོད་ཀྱི་མི་སྣ་གཙོ་ཆེན་ཞིག་ཏུ་གྱུར་ཡོད་ལ། ཨ་མའི་ལོ་ལོ་གློག་བརྙན་ཚོགས་པ་གསར་འཛུགས་བྱས། ཁོང་གིས་བོད་ཀྱི་ན་གཞོན་ཚོར་གློག་རྡུལ་གཟུགས་ལམ་འདོན་སྤེལ་སྐོར་གྱི་སློབ་གསོའི་མཛད་རྗེས་བསྐྲུན་ཞིང་མི་རབས་གསར་བ་བོད་ཀྱི་གློག་བརྙན་བཟོ་མཁན་རྣམས་ལ་སྤོབས་པ་སྐྱེད་བཞིན་བཞུགས། མཁའ་བྱམས་རྒྱལ་གྱིས་སྔ་གཞུག་ཏུ་བོད་མིའི་འཚོ་བ་དང་རིག་གནས་ཐད་ཀྱི་གློག་བརྙན་ཐུང་ངུ་མང་པོ་ཞིག་འཁྲབ་ཁྲིད་བྱས་མྱོང་ཞིང་། དཔའ་བོའི་ལུང་པ་ཞེས་པའི་གློག་བརྙན་དེ་ནི་ཁོང་གི་ཆ་ཚང་བའི་དངོས་ཟིན་གློག་བརྙན་ཐོག་མར་གྱུར་ཡོད།

+ ཚེ་རིང་འཕེལ་ལོ།

Tsering Perlo

ཚེ་རིང་འཕེལ་ལོ་ནི་རབ་གསལ་གསར་འཛུགས་མཁན་ཡིན་ཏེ། དེ་ནི་བོད་མི་རྣམས་དངོས་ཟིན་གློག་བརྙན་བཟོ་སྐྲུན་གྱི་ལས་ཀར་བཀོད་ནས་བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་གཅེས་སྲུང་དང་སླར་གསོའི་བྱ་བ་སྒྲུབ་པའི་ས་གནས་བོད་ཀྱི་ཞལ་འདེབས་ཚོགས་པ་ཞིག་ཡིན། ཁོང་ཉིད་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་ཆུ་ཁ་རྫོང་དུ་འཚར་ལོངས་བྱུང་ཞིང་། ཟི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ(SPTI)ནས་སློབ་མཐར་ཕྱིན་པ་ཡིན། འཕེལ་ལོས་སྔ་གཞུག་ཏུ་བོད་ཀྱི་ཐེབས་རྩ་ཚོག ས་པ་དང་སྒྲོལ་ཟམ་ཐེབས་རྩ་ཚོགས་པ། ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་གངས་ལྗོངས་དཔེ་མཛོད་ཁང་སོགས་སུ་བྱ་བ་བསྒྲུབས་མྱོང་ལ། འཕེལ་ལོ་ནི་མ་གཅིག་ཚོགས་པའི་མཆེད་གྲོགས་ཀྱི་གོ་ས་ཐོག་མར་ཐོབ་མཁན་ཡིན་ལ། དེ་ནི་སྒུལ་ཤུགས་ལྡན་པའི་བོད་ཀྱི་འགྱུར་བ་གཏོང་མཁན་རྣམས་ཀྱིས་རང་གི་སྤྱི་ཚོགས་དང་ཁོར་ཡུག་གི་ནུས་ཤུགས་གོང་དུ་སྤེལ་བར་ལས་གཞི་བཟོ་བཀོད་བྱས་པ་ཞིག་ཡིན།

+ ཧྥི་རོན་ཟི་ཝ་ཟི་རོའུ་བྷན།

Françoise Robin

སྤྱི་ལོ་༡༩༩༩ལོར་ཧྥི་རོན་ཟོ་ཝ་ཟིས་རྒྱལ་ཡོངས་སྐད་རིགས་དང་ཤེས་རིག་ལྟེ་གནས་སུ་རབ་འབྱམས་པའི་བསླབས་གནས་བཞེས་ཤིང་། ཁོ་མོ་རྩོམ་རིག་དང་གློག་བརྙན་བཟོ་སྐྲུན་གྱི་ཞིབ་འཇུག་ཆེད་དུ་ཐེངས་མང་པོར་བོད་དུ་འགྲུལ་བཞུད་བྱས། ད་ལྟ་ཁོང་གིས་རྒྱལ་ཡོངས་སྐད་རིགས་དང་ཤེས་རིག་ལྟེ་གནས་སུ་ལྷན་ཚོགས་ཤིག་གི་དབུ་ཁྲིད་དུ་འགན་བཞེས་ཡོད་ལ། མཉམ་འབྲེལ་ཞིབ་འཇུག་ཚན་ཁག་༨༡༥༥ རྒྱ་ནག་དང་ཉི་ཧོང་། བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཁོངས་མི་ཡིན། ད་དུང་ཆེད་དོན་ཧྥ་རན་སི་བོད་སྐད་ཚིག་མཛོད་ལས་གཞིའི་འགན་བཞེས་ཡོད།

+ སེའུ་ཟིལ་མ་ཐེའུ་ཨེ་སི་ཁེལ་ཨོ་ཕིར་གྷང་།

Cecil Matthai Esquivel-Obregón

སེའུ་ཟིལ་ནི་ཁི་ལོམ་བྷི་ཡ་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་མཐའ་མ་བཟོ་སྐྲུན་ཀྱི་དབུ་འཛིན་སྔོན་མ་དང་གློག་རྡུལ་འཕྲིན་སྦྱོར་ལྟེ་གནས་གློག་བརྙན་ཚན་ཁག་གི་དབུ་འཛིན་བཅས་ཀྱི་འགན་བཞེས་ཡོད། མ་སེ་ཆོའུ་སེ་ཋི་བཟོ་རིག་ཞིབ་འཇུག་ལྟེ་གནས་སུ་མིས་བཟོས་ཤེས་ནུས་ལ་ཆེད་སྦྱོང་བྱས་ནས་སློབ་མཐར་ཕྱིན་ཞིང་། དུས་མཚུངས་སུ་མ་སེ་ཆོའུ་སེ་ཋི་བཟོ་རིག་ཞིབ་འཇུག་ལྟེ་གནས་འཕྲིན་སྦྱོར་ཚོད་ལྟ་ཁང་དུ་རེས་ལྟོས་རྟོག་སྒྲུང་གི་ལས་སུ་ཞུགས། དེ་ནས་ཁི་ལོམ་བྷི་ཡ་སློབ་ཆེན་གློག་བརྙན་གྱི་མཛེས་རྩལ་ཞིབ་འཇུག་སྡེ་ཚན་དུ་བསྡུ་ལེན་བྱས། ཁོང་གིས་གློག་བརྙན་ཐུང་ངུ་འདྲ་མིན་སྣ་ཚོགས་བྲིས་ཤིང་འཁྲབ་ཁྲིད་བྱས་ལ། མེག་སི་ཁོ་གྲོང་ཁྱེར་དུ་ཨོ་སི་ཐྲ་ལི་ཡ་གློག་བརྙན་བཟོ་སྐྲུན་གྱི་བྱ་བར་ཞུགས། ཁོང་ནི་གློག་བརྙན་པར་རྒྱག་མཁན་ཞིག་ཡིན་ལ། མི་འགྱང་བར་འགྲེལ་སྤེལ་བྱ་བའི་ཤིང་སྡོང་སྐོར་གྱི་བརྒྱུད་སྦྲེལ་དཔེ་ཆ་པར་རྒྱག་མཁན་ཞིག་ཀྱང་ཡིན། མེག་སི་ཁོ་གྲོང་ཁྱེར་གྱི་གྷ་ལི་རའུ་ཡ་ཕ་ཁི་ནིན་སིར་ཁོང་གིས་དཔེ་ཆ་རྣམས་འགྲེམ་སྟོན་བྱས།

+ རོ་བྷེ་བྷར་ནེའུ་ཐི།

Robbie Barnett

རོ་བྷེ་བྷར་ནེའུ་ཐི་ནི་ཁི་ལོམ་བྷི་ཡ་སློབ་ཆེན་གྱི་ཝེ་དྷི་ཧེ་སྦྲིའི་ཤར་ཨེ་ཤ་ཡའི་ཞིབ་འཇུག་ལྟེ་གནས་དེང་རབས་བོད་ཀྱི་ཞིབ་འཇུག་ལས་གཞིའི་དབུ་འཛིན་ཡིན། ཁོང་གི་ཆེས་ཉེ་དུས་ཀྱི་བརྩམས་ཆོས་ཁྲོད་དུ་བོད་ཀྱི་དེང་རབས་རང་བཞིན་ཏེ། རོ་ནེལ་སྦྲི་ཤྭོ་ཚི་དང་མཉམ་དུ་ཡུལ་དངོས་ལྷ་ས་ནས་བཏབ་པའི་དྲན་ཐོ་དང་ཁྲོམ་ལམ་གྱི་དྲན་ཤེས་ཞེས་པ་འཚུད་ཡོད། (ཁི་ལོམ་བྷི་ཡ་སློབ་ཆེན་དཔེ་སྐྲུན་ཁང་། ༢༠༠༦ལོར།) རོ་བྷེས་བོད་ཀྱི་གློག་བརྙན་དང་བརྙན་འཕྲིན་སྐོར། ད་དུང་ཚན་པ་གཞན་དུ་བརྩམས་ཆོས་དུ་མ་མཛད་མྱོང་ཞིང་། དབྱིག་ཇིའི་རྒྱང་སྒྲོག་ལས་ཁུངས༼BBC༽དང་གློག་འཕྲིན་གསར་འགྱུར་རྒྱང་སྒྲོག་དྲྭ་རྒྱ་ཁང༼CNN༽། རྒྱལ་ཡོངས་སྤྱི་སྤྱོད་རླུང་འཕྲིན་ཁང༼NPR༽།ཁི་ལོམ་བྷི་ཡ་རྒྱང་སྒྲོག་མ་ལག་ཁང༼CBS༽། ནེའུ་ཡོག་དུས་བབ། ཝ་ཤན་ཌིན་ཚགས་པར། ནེའུ་ཡོག་དཔེ་ཆའི་དཔྱད་གླེང་། ད་དུང་གཞན་གྱི་འཕྲིན་སྦྱོར་སོགས་སུ་རྒྱ་བོད་སྐོར་གྱི་རྒྱུན་ལྡན་འགྲེལ་བརྗོད་པར་གྱུར་ཡོད།

+ ཨི་ལི་ཟ་བྷེ་ཐི་རོའུ།

Elizabeth Rao

ཨི་ལི་ཟ་བྷེ་ཐི་རོའུ་ནི་ཚན་རིག་དང་རྩོམ་རིག་གི་རྒྱབ་ལྗོངས་ཁྲོད་དུ་འཚར་ལོངས་བྱུང་བ་ཞིག་ཡིན། ལི་ཟ་རང་བཞིན་དུ་གློག་བརྙན་གྱི་རྟོག་བཟོ་དང་རྟོག་དཔྱོད་ངོ་བོ་གཉིས་ཀར་དགའ་མོས་འཕེལ་ཡོད། ཕི་ར་གྷིའི་གློག་བརྙན་དང་གློག་འཕྲིན་སྒྱུ་རྩལ་འཁྲབ་སྟོན་རིག་གཞུང་གི་གློག་བརྙན་རོལ་དབྱངས་ལ་སློབ་སྦྱོང་མཐར་ཕྱིན་རྗེས། གློག་བརྙན་གཞུང་ལུགས་སྨྲ་བ་སྦྲ་སྦྲི་ལི་ཨན་ཊི་རོའུ་ལ་བསྟེན་ནས་མཐར་ཕྱིན་དཔྱད་རྩོམ་ལེགས་གྲུབ་བྱུང་ཞིང་། ཡེ་ལོའུ་སློབ་ཆེན་ནས་རྩོམ་རིག་དང་གློག་བརྙན་གྱི་བསླབས་གནས་ཐོབ་ཏེ་བདེ་ལེགས་ངང་སློབ་མཐར་ཕྱིན། ལི་ཟས་ལག་རོགས་དང་དྲྭ་བའི་བཟོ་བཀོད་པ། མཉམ་སྦྲེལ་བཟོ་སྐྲུན་པ་བཅས་ཀྱི་ཚུལ་དུ་རང་དབང་གིས་ལས་ཀ་སྒྲུབ་པ་དང་། དུས་མཚུངས་སུ་གློག་བརྙན་ཐུང་ངུའི་བཟོ་སྐྲུན་དང་འཁྲབ་ཁྲིད། འཁྲབ་གཞུང་འབྲི་བ་བཅས་ཀྱི་བྱ་བ་སྒྲུབ་བཞིན་ཡོད། ཁོ་མོ་ནི་ཐེ་མིན་གྱི་འདུན་པར་གནས་པའི་སློབ་མ་གསར་བ་ཞིག་ཡིན་ངེས་སོ།


རོགས་ཟླ་དང་རྒྱབ་སྐྱོར་གནང་མཁན།

ཁམས་གློག་བརྙན་ལས་གཞི་འདི་ནི་ཤེ་ལི་དང་སྦྲོན་ནིལ་རོ་བྷན་ཐེབས་རྩ་ཚོགས་པའི་གཏོང་ཕོད་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འཛུགས་སྐྲུན་བྱས་པ་ཞིག་ཡིན།

 
 

ཁམས་གློག་བརྙན་ལས་གཞིས་རོགས་ཟླ་དང་རྒྱབ་སྐྱོར་གནང་མཁན་ཚང་མར་བཀའ་དྲིན་ཆེ་ཞུ།