གྱུང་པ།


འགྲེལ་བཤད།

གྱུང་པ་ནི་བོད་ཀྱི་གྲོང་གསེབ་ཀྱི་ཡུལ་ཚོ་ཞིག་ཡིན་ཏེ། བོད་མཐོ་སྒང་གི་ལྷོ་ཤར་གྱི་གྲུ་ཟུར་དུ་རི་མཐོ་ལུང་དོག་ཞིག་གི་གཞུང་གཤགས་ནས་ཆགས་ཡོད། འདི་གར་བཅའ་སྡོད་བྱས་པའི་མི་འབོར་༥༠༠༠ཡོད་པ་ཚང་མས་རང་ཁ་རང་སོས་ཀྱི་འཚོ་ཐབས་དཔལ་འབྱོར་ལ་བརྟེན་ཡོད་པས། དམའ་སར་ཞིང་ལས་རྩམ་པ༼ནས༽སྒྲུབ་པ་དང་མཐོ་སའི་དབྱར་མཚེར་དུ་སྒོ་ཕྱུགས་འཚོ་སྐྱོང་བྱས་ནས་འཚོ་ཐབས་བྱེད་པ་ཡིན། ལོ་འགའ་ཤས་ཀྱི་སྔོན་དུ། གྱུང་པ་ནི་བོད་ཀྱི་སྡེ་ཁུལ་གྲོང་གསེབ་དམིགས་བསལ་ཅན་ཞིག་ཡིན་ཏེ། གློག་དང་སྦུག་ཆུ། ཁ་པར་གྱི་ཞབས་ཞུ། རིམ་པ་གཉིས་པའི་གཞུང་ལམ་བཅས་ཅི་ཡང་མེད། དེ་གར་སློབ་གསོའི་གོ་སྐབས་ཤིན་ཏུ་ཕྲ་བས། སྡོད་མི་མང་ཤོས་དེ་ཡིག་རྨོངས་སུ་ཆགས་ཡོད་མོད། འོན་ཀྱང་ཕྱི་ལོ་༢༠༠༢ནས་འགོ་བརྩམས་ཏེ་འགྱུར་ལྡོག་ཆེན་པོ་བྱུང་། མ་གཅིག་ཚོགས་པས་རོའུ་ཐི་ཝོལ་ཐྲི་གྱུང་པ་སློབ་ཆུང་ལ་སྒོ་འབྱེད་བྱས་པ་ནས་བཟུང་སྟེ་སློབ་གྲྭ་དེ་ནི་ཡུལ་ཚོ་དེའི་འགྱུར་བཅོས་ཀྱི་མཁོ་ཆས་སུ་གྱུར་ལ། སློབ་གསོདང་ནུས་པ་གསོ་སྐྱོང་བརྒྱུད་ནས་སྡེ་ཁུལ་བསྐྱར་གསོ་བྱེད་པའི་རྩ་བའི་རྨང་གཞིར་གྱུར།

གཤམ་གྱི་གློག་བརྙན་ཐུང་ངུ་ནི་རོའུ་ཐི་ཝོལ་ཐྲི་གྱུང་པ་སློབ་ཆུང་གི་སློབ་མ་རྣམས་ཀྱིས་འཆར་འགོད་དང་བརྙན་ལེན་བྱས་པ་ཞིག་ཡིན། གློག་བརྙན་འདི་ནི་ལས་གཞི་མཐུན་སྦྱོར་བ་སྲས་སྲིལ་ཨེའུ་སི་ཁེའུ་ཧྥིལ་ཨོ་བྷིར་གྷན་གྱིས་ངོས་ཐོག་ནས་སློབ་མ་རྣམས་དང་མཐུན་འགྱུར་བྱས་ཏེ་རྩོམ་སྒྲིག་བྱས་པ་ཞིག་ཡིན།

འདི་ནི་མ་གཅིག་ཚོགས་པ་དང་མཉམ་སྦྲེལ་བྱས་པ་དང་ཤེ་ལི་དང་སྦྲོན་ནིལ་རོ་བྷན་ཐེབས་རྩ་ཚོགས་པ་དང་ཁི་ལོམ་བྷི་ཡ་སློབ་ཆེན་གྱི་སྒྱུ་རྩལ་གློག་བརྙན་སྡེ་ཚན་གྱི་གཏོང་ཕོད་རྒྱབ་སྐྱོར་ལ་བརྟེན་ནས་ད་གཟོད་འབྱུང་སྲིད་པའི་མཐུན་རྐྱེན་གྲུབ་པ་ཞིག་ཡིན།


འཚོལ་ཞིབ།

Body Maps

  • Sonam Tendzin 
  • Gelek Tseten 
  • Chime Lhamo 
  • Kelsang Drandul 
  • Tsering Drolkar 
  • Tsering Nyima
  • Commentary

Community Maps

  • Wuhu Community Map
  • Zhabdrong Community Map

Short Film

  • Making Good Choices

ལས་ཞུགས་མི་སྣ་དང་ལས་ཁུངས།

Participant Filmmakers
Chimé Lhamo
Gelek Tseten
Kelsang Drandul
Sönam Tendzin
Tsering Drolkar
Tsering Nyima
Sönam Chödrön
Yangchen Lhamo
Tsering Yangdzom
Tempa Dorjé
Wangchen Dorjé
Dorjé Tashi
Dugar Gonbo
JiangYang Tendzin
Tsering Lhamo

 

Facilitator/Editor
Cecil Matthai Esquivel-Obregón

Photography Facilitator
Francisca Altamirano

Series Producers
Lynn True
Nelson Walker III

 

Onsite Translator
Tashi Dekyi

Subtitles/Translation
Chelsea Hall
William McGrath
Tsering Perlo

Special Thanks
David Germano
University of Virginia
Columbia University
Chungba Primary School


གྱུང་པ་མཉམ་ཞུགས་གློག་བརྙན་བཟོ་སྐྲུན་བ།

གློག་བརྙན་བཟོ་སྐྲུན་ཁྲོད་ཀྱི་མི་སྣ།


སྔར་ལས་མང་བའི་གནས་ཚུལ།

གྱུང་པ་དང་རོའུ་ཐི་ཝོལ་ཐྲིའི་གྱུང་པ་སློབ་ཆུང་གི་གནས་ཚུལ་སྔར་ལས་མང་བར་རྒྱུས་ལོན་བྱ་འདོད་ན། མ་གཅིག་ཚོགས་པའི་དྲྭ་གནས་སུ་ཕེབས་ཤིག
འདིར་ཐུག་ཙམ་གནོན།