དབྱར་མཚེར།


Summer Pasture Film

དབྱར་མཚེར་ཞེས་པ་ནི་དངོས་ཟིན་གློག་བརྙན་རིང་མོ་ཞིག་སྟེ། བོད་ཤར་ཕྱོགས་མཐོ་སྒང་གི་རྩྭ་ཐང་དུ་འཚོ་བ་རོལ་བའི་གཞོན་སྐྱེས་འབྲོག་ཁྱིམ་ཞིག་གི་དབྱར་གྱི་དུས་ཚིགས་ཤིག་ཟིན་ཐོར་བཀོད་ཡོད། བློ་ཆོས་དང་ཁོང་གི་ཆུང་མ་ཡ་མ། ད་དུང་སྐྱེས་མ་ཐག་པའི་བུ་མོ་གསུམ་པོ་རི་འགོར་ཕྱུགས་ཟོག་འཚོས་ནས་འཚོ་བ་རོལ་ཡོད་ལ། ཁོང་ཚོའི་ཡབ་མེས་རྣམས་ཀྱང་མི་རབས་མང་པོའི་རིང་དུ་དེ་བཞིན་དུ་འཚོ་བ་རོལ། ཉེ་བའི་ལོ་ཤས་ཀྱི་ནང་དུ། འབྲོག་པའི་འཚོ་བའི་དཀའ་ཁག་སྔར་ལས་ཇེ་ཆེར་གྱུར་བས། འབྲོག་པ་མང་པོ་ཞིག་གྲོང་རྡལ་དུ་གནས་སྤོ་བཞིན་ཡོད། བློ་ཆོས་དང་ཡ་མ་གཉིས་ཀྱིས་ཀྱང་མི་འགྱང་བར་དེ་འདྲའི་གནས་ཚུལ་ལ་གདོང་ལེན་མི་བྱེད་ཀ་མེད་ཡིན་པས། སྐབས་དེར་ཁོང་གཉིས་ཀྱི་བུ་མོ་འབྲོག་ས་ནས་བསྐྱང་རྒྱུ་དང་སློབ་གྲྭར་གཏང་རྒྱུ་གཉིས་ཀྱི་བར་དུ་འདམ་ག་མི་བྱེད་ཀ་མེད་རེད། ཐག་གཅོད་འདིས་འབྲོག་པ་ཞིག་གི་མདུན་ལམ་ལ་རྙོག་དྲ་ཟབ་མོ་ཞིག་བཟོ་བ་ནི་སྨོས་མི་དགོས།

ལེན་ཐྲོའུ་དང་ནེལ་སིན་ཝོ་ཁིར། ཚེ་རིང་འཕེལ་ལོ་བཅས་ཀྱི་གློག་བརྙན།
རབ་གསལ་དང་མཉམ་སྦྲེལ་བྱས།