ཧར་ལིན་གྱི་བོད། ༢


 

བསྔགས་བརྗོད་འོས་པའི་རིག་གནས་བསྐྱར་གསོ་ཞིག་ཁུ་སིམ་མེར་བོད་དུ་བྱུང་ཞིང་། ཕྱི་རོལ་གྱི་འཇིག་རྟེན་གྱིས་ཧ་ལམ་རྩ་བ་ཉིད་ནས་ཧ་གོ་གི་མེད། གཙོ་བོར་རང་འགུལ་བསམ་ཤེས་ལྡན་པའི་བོད་མི་བློ་གྲོས་ཅན་དང་སྒྱུ་རྩལ་པ་ཚོ་གཅིག་མྱུར་བར་འབུར་དུ་ཐོན་ནས་བོད་མི་དང་བོད་མིའི་འཚོ་བ་སྐོར་ཞིག་གློག་བརྙན་དུ་བཟོ་སྐྲུན་བྱས་དང་བྱེད་བཞིན་མཆིས། ཉེ་བའི་ལོ་ལྔའི་ནང་དུ། འཁྲབ་ཁྲིད་པ་འདི་ཚོ་སོ་སོར་སྒེར་གྱིས་བྱ་བ་བསྒྲུབས་ཏེ་སྲིད་གཞུང་གི་རྒྱབ་སྐྱོར་མེད་ཀྱང་ཡོལ་བའི་ངོས་སུ་བོད་ཀྱི་རིག་གནས་དང་འཚོ་བ་བསྟན་ནུས་པའི་ཐབས་ལམ་བསྐྲུན། ཁོ་ཚོའི་གློག་བརྙན་འཆར་སྣང་ནི་རྒྱ་ནག་དང་ནུབ་ཕྱོགས་པས་བཟོས་པ་དང་ཡེ་ནས་མི་འདྲ། པདྨ་ཚེ་བརྟན་གྱིས་འཛུབ་སྟོན་བྱས་པའི་ལས་ཀ་རྣམས་ནི་ཁོ་རང་ཚོའི་ཐོབ་ཐང་ལ་ཁ་ཕྱོགས་ནས་ལངས་ཡོད་དེ། དེ་ནི་གློག་བརྙན་གཙོ་ཆེ་བ་གང་རུང་ཞིག་གི་ཚད་གཞིར་དོ་ཟླ་ཡོང་ཐུབ་པ་ཞིག་ཡིན། སྐབས་འདིའི་དུས་སྟོན་ཁྲོད་དུ། གློག་བརྙན་བཟོ་སྐྲུན་པ་འདི་ཚོས་བོད་མི་ཡིན་པ་སྐོར་གླེང་བའི་ཐབས་ལམ་གསར་བར་མྱུལ་ཞིབ་བྱས་སྔ་དུས་ཀྱི་ལས་ཀ་འགའ་ཞིག་འགྲེམ་སྟོན་བྱ་རྒྱུ་ཡིན།

- ཁི་ལོམ་བྷི་ཡ་སློབ་ཆེན་གྱི་དེང་རབས་བོད་ཀྱི་ཞིབ་འཇུག་ལས་གཞིའི་དབུ་འཛིན་པ་རོ་བྷེ་བྷར་ནེའུ་ཐི་ནས།

 

སྐོར།

ཐེངས་གཉིས་པའི་ཧར་ལིན་གྱི་བོད་དཔར་མ་དེ་ཁམས་གློག་བརྙན་ལས་གཞི་དང་ཁི་ལོམ་བྷི་ཡ་སློབ་ཆེན་གྱི་དེང་རབས་བོད་ཀྱི་ཞིབ་འཇུག་ལས་གཞི། མ་གཅིག་ཚོགས་པ། མེའུ་ཟེལ་གློག་བརྙན་ཁང་བཅས་ནས་གཙོ་སྒྲུབ་བྱས་ཡོད། སྤྱི་ཟླ་གསུམ་པའི་ཚེས་༡༤ནས་༢༠བར་དུ་ཧར་ལིན་གྱི་མེའུ་ཟེལ་གློག་བརྙན་ཁང་དུ་མཛད་སྒོ་སྤེལ་རྒྱུ་ཡིན། ལས་རིམ་འདིའི་ཁྲོད་དུ་སྔ་དུས་ཀྱི་གློགབརྙན་དཀོན་པོ་འདེམ་སེལ་བྱས་ནས་ཕྱོགས་སུ་བསྡུས་པ་རྣམས་འགྲེམ་སྟོན་བྱས་ཡོད་དེ། དེར་ད་ལྟ་བོད་དུ་བྱ་བ་སྒྲུབ་བཞིན་པའི་བོད་རྒྱ་གློག་བརྙན་བཟོ་སྐྲུན་པ་གཙོ་ཆེན་ཁག་གཅིག་གིས་བཟོ་སྐྲུན་བྱས་པའི་དངོས་ཟིན་གློག་བརྙན་དང་གཏམ་རྒྱུད་གློག་བརྙན་གཉིས་ཀ་འདུས་ཡོད།

ཧར་ལིན་དུ་བོད་ཀྱི་མཛད་སྒོ་ཁྱད་པར་བ་ཞིག་སྤེལ་བ་འདིར། མེའུ་ཟིལ་གློག་བརྙན་ཁང་གིས་མངོན་གསལ་འབུར་དུ་ཐོན་པའི་གློག་བརྙན་བཟོ་སྐྲུན་བ་རྣམས་ལ་དམིགས་བསལ་གྱི་འདུ་གནས་ཤིག་གཙོ་སྒྲུབ་བྱས་ཡོད། དམིགས་བསལ་གྱི་ལས་རིམ་འདི་སྤྱི་ཟླ་གསུམ་པའི་ཚེས་༢༢ནས་༢༣བར་དུ་སྤེལ་བ་ཡིན་ལ། འཛམ་གླིང་ཡུལ་གྲུ་ཀུན་གྱི་བོད་པའི་ན་གཞོན་གློག་བརྙན་བཟོ་སྐྲུན་བ་རྣམས་ཀྱི་གློག་བརྙན་ཐུང་ངུ་དང་སྒྲུབ་བཞིན་པའི་ལས་ཀ་རྣམས་ལ་གཙོ་སྒྲུབ་བྱས་ཡོད།


ལས་རིམ།

གཟའ་སྤེན་པ། སྤྱི་ཟླ་གསུམ་པའི་ཚེས་༡༤ཉིན། ཕྱི་དྲོའི་ཆུ་ཚོད་༧:༠༠ཐོག

ཧི་མ་ལ་ཡའི་རྒྱལ་སྲས།
འཁྲབ་ཁྲིད་པ། ཤེར་ཝོ་དྷི་ཧུས།
ལོ། ༢༠༠༦
འཁོར་བསྐྱོད་དུས་ཚོད། སྐར་༡༠༨
བོད་སྐད་དང་དབྱིན་ཡིག་གི་མཆན།

རྒྱལ་སྲས་ཧམ་ལེའུ་ཐི་སྔ་རབས་བོད་ཀྱི་ལོ་རྒྱུས་ཡོངས་སུ་རྣམ་པ་གསར་བར་གྱུར་བའི་རྒྱབ་ལྗོངས་སུ་སྒྲིག་བཟོ་བྱས་ཏེ། ཧི་མ་ལ་ཡའི་རྒྱལ་སྲས་ཞེས་མངོན་གསལ་འབུར་དུ་ཐོན་ཞིང་ཡིད་དབང་འཕྲོག་པའི་ལོ་རྒྱུས་ཀྱི་སྙན་བསྒྲུངས་དེས་དེང་རབས་ཀྱི་འཇིག་རྟེན་ལ་རྫོགས་མ་ཚར་བའི་ཤ་ཁི་སི་ཕེར་གྱི་སྐྱོ་གར་དེ་ཕུན་སུམ་ཚོགས་པའི་སྒོ་ནས་མཚོན་པར་བྱས་ཡོད་ལ། རྒྱ་ནག་གི་འཁྲབ་ཁྲིད་པ་དང་བོད་ཀྱི་རྩོམ་པ་པོ་༼ཆབ་འགག་རྡོ་རྗེ་ཚེ་རིང་དང་བཀྲ་ཤིས་ཟླ་བ༽བར་གྱི་སྒྱུ་རྩལ་མཉམ་ལས་ཀྱི་དཔེ་མཚོན་བཟང་ཤོས་སུ་གྱུར་ཡོད།

གློག་བརྙན་གྱི་རྗེས་སུ་མཚན་མོའི་སྣེ་ལེན་ཡོད། དེར་ཧར་ལིན་གྱི་ཤོས་ཀིར་ཧེལ་སྦི་རག་གིས་སྦྱིན་བདག་བྱས།

གཟའ་ཟླ་བ། སྤྱི་ཟླ་གསུམ་པའི་ཚེས་༡༥ཉིན། ཕྱི་དྲོའི་ཆུ་ཚོད་ཆུ་ཚོད་༧:༣༠ཐོག

བར་སྐོར་ལྷོ་ལམ་ཨང་ཀི་༡༦
འཁྲབ་ཁྲིད་པ། ཏོན་ཅིན་ཁྲོན།
ལོ། ༡༩༩༦
འཁོར་བསྐྱོད་དུས་ཚོད། སྐར༡༠༠
བོད་རྒྱའི་སྐད་དང་དབྱིན་ཡིག་གི་མཆན།

བར་སྐོར་ལྷོ་ལམ་ཨང་ཀི་༡༦ནི་ལྷ་སའི་ལྟེ་བར་གནས་པའི་ཁྱམས་ར་རྙིང་བ་ཞིག་ཡིན་ཏེ། དེར་བར་སྐོར་ཉེ་འཁོར་ལྷན་ཚོགས་ཀྱི་གཞུང་ལས་ཁང་བཙུགས་ཡོད། དངོས་ཟིན་གློག་བརྙན་གཙོ་ཆེན་འདི་ནི། བོད་དོན་གླེང་བའི་དངོས་ཟིན་གློག་བརྙན་ཁྲོད་དུ་རང་རྐྱ་ཐུབ་པའི་ལོ་རྒྱུས་མཚམས་རྟགས་ལྡན་པའི་བརྩམས་ཆོས་ཤིག་ཡིན་ལ། བོད་ཁུལ་སྲིད་གཞུང་གི་རྩ་བའི་ལས་དོན་ལ་པར་ལས་ཀྱི་ཞིབ་འཇུག་བྱས་པ་ཞིག་སྟེ། ས་གནས་དེ་གའི་གྲོང་ཁྱེར་ལྷན་ཚོགས་ཀྱི་འགོ་འཛིན་དང་གཙོ་འཛིན་གཞོན་པ། བུད་མེད་ལས་དོན་གྱི་དབུ་འཛིན། སྡེ་ཁུལ་གྱི་ཉེན་རྟོག་པ་སོགས་ཀྱི་སྲིད་ཇུས་ལག་བསྟར་དང་ཉེ་འཁོར་གྱི་ལས་དོན་དོ་དམ་བྱེད་ཕྱོགས་ཀྱི་རྗེས་འདེད་བྱས་པ་ཞིག་ཡིན་ནོ།


གཟའ་མིག་དམར། སྤྱི་ཟླ་གསུམ་པའི་ཚེས་༡༦ཉིན། ཕྱི་དྲོའི་ཆུ་ཚོད་ཆུ་ཚོད་༧:༣༠ཐོག

Tantric Yogi

གསང་སྔགས་རྣལ་འབྱོར་བ།
འཁྲབ་ཁྲིད་པ། ཆབ་འགག་རྡོ་རྗེ་ཚེ་རིང་།
ལོ། ༢༠༠༥
འཁོར་བསྐྱོད་དུས་ཚོད། སྐར་༥༠
འཁྲབ་ཁྲིད་པའི་དངོས་ཟིན་གློག་བརྙན་ཐོག་མ།
བོད་སྐད་དང་དབྱིན་ཡིག་གི་མཆན།

དངོས་ཟིན་གློག་བརྙན་འདི་ནི་རྣལ་འབྱོར་བ་ཞིག་དང་ཁོང་གི་རྗེས་འཇུག་ཡུལ་མི་རྣམས་ཁ་གཏད་ས་སྡེ་བརྒལ་ནས་ཁྱད་དུ་འཕགས་པའི་གསང་སྔགས་ཉམས་ལེན་པ་སྟོང་ཕྲག་དུ་མ་ཙམ་འདུས་པའི་བོད་ཤར་ཕྱོགས་སུ་ཡུལ་སྐོར་དུ་བསྐྱོད་པར་རྗེས་འདེད་བྱས་ཡོད། ཅིམ་བྷི་རོད་བྷོན་ཐིས་རྒྱས་བཤད་བྱས།

ཨ་ནེ་ལྷ་ལྕམ།
འཁྲབ་ཁྲིད་པ། ཆབ་འགག་རྡོ་རྗེ་ཚེ་རིང་།
ལོ། ༢༠༠༧
འཁོར་བསྐྱོད་དུས་ཚོད། སྐར་༢༧
བོད་སྐད་དང་དབྱིན་ཡིག་གི་མཆན།

ལྷ་ལྕམ་ལོ་ན་ཆུང་དུས་སུ། མོ་རང་ཡི་གེའི་འབྲི་ཀློག་སྦྱོང་བར་འདུན་པ་ཆེན་པོ་ཡོད་ཀྱང་། ཁྱིམ་གྱི་དཔལ་འབྱོར་ཞན་སྟབས་ཕ་མས་དེ་ལྟར་མ་བསམ། རང་གི་རྨི་ལམ་གྱི་ཆེད་དུ་མོ་རང་བཙུན་མའི་དགོན་པ་ཞིག་ཏུ་བྲོས་ནས་སློབ་གསོ་རག་ཐབས་ཀྱི་ཐག་གཅོད་བྱས། ཉིན་ཞིག་མོ་རང་ཉེ་འགྲམ་གྱི་གྲོང་རྡལ་དུ་སྒྲ་ཕབ་བཟོ་བཅོས་སུ་འགྲོ་བའི་ལམ་དུ་ཆབ་འགག་རྡོ་རྗེ་ཚེ་རིང་རྗེས་འདེད་བྱས། སྒྲ་ཕབ་དེ་ནི་མོའི་ཤེས་བྱའི་ཡོ་བྱད་ཅིག་ཡིན་ཏེ། དེ་བེད་སྤྱད་ནས་བོད་ཡིག་སྦྱོང་དགོས། གློག་བརྙན་འདི་ནི་བརྩེ་སེམས་དང་སྙན་ངག་གི་རྣམ་པ་ཅན་ཏེ། ལྷ་ལྕམ་ཐེངས་དང་པོར་གྲོང་རྡལ་དེར་འགྲུལ་བཞུད་བྱས་པའི་བརྒྱུད་རིམ་ཞིག་ཡིན་ནོ།


གཟའ་ལྷག་པ། སྤྱི་ཟླ་གསུམ་པའི་ཚེས་༡༧ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༧:༣༠ཐོག

ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།
འཁྲབ་ཁྲིད་པ། པདྨ་ཚེ་བརྟན། 
ལོ། ༢༠༠༥
འཁོར་བསྐྱོད་དུས་ཚོད། སྐར་༡༠༢
འཁྲབ་ཁྲིད་པའི་ཚད་ལྡན་གློག་བརྙན་ཐོག་མ།
བོད་སྐད་དང་དབྱིན་ཡིག་གི་མཆན།

དེང་སང་བོད་ཀྱི་ཕུལ་བྱུང་གློག་བརྙན་བཟོ་མཁན་ཁྲོད་དུ་ཐོག་མའི་གློག་བརྙན་དུ་གྱུར་ཡོད། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པའི་གློག་བརྙན་ནི་བོད་ཀྱི་གྲྭ་ཕྲུག་ལོ་ན་བཅུ་ཙམ་སོན་པ་ཞིག་གི་སྟངས་འཛིན་ལྡན་ལ་བྲེལ་ཟིང་མེད་པའིགཏམ་རྒྱུད་ཅིག་སྟེ། ལོ་སར་གྱི་སྐབས་སུ། ཁོ་ལ་རྟ་ལམ་ཉིན་གཅིག་གི་བར་ཐག་བཅད་པའི་སྡེ་བར་ཕེབས་ནས་ཁྱིམ་དུ་ཉིན་འགའ་ཤས་སུ་སྡོད་པའི་གོ་སྐབས་ལྡན། གྲྭ་ཕྲུག་ཁོང་ཉིད་གྲོང་སྡེར་འགྲུལ་བཞུད་བྱས་ཤིང་ཕྱིར་དགོན་པར་ལོག་པའི་རྣམ་པ་དེས་ནུབ་ཕྱོགས་དང་ནོར་དད་རིང་ལུགས་ཀྱིས་གཅུས་སྒྲིམ་བྱས་པའི་ཤན་ཤུགས་མངོན་དུ་གསལ་ལ། བོད་ཀྱི་ཞིང་ཁུལ་ཆུང་ཆུང་ཞིག་ཏུའང་མིག་སྔའི་ཤུགས་རྐྱེན་ཆེན་པོ་ཐེབས་པར་མཚོན་ནོ།

སྒྲི་སྒྱེ་ནོ་རྭའུ་ཋིའི་གློག་བརྙན་ཁང་གིས་མཚམས་སྦྱོར་བྱས་ཤིང་། དེ་རྗེས་པདྨ་མ་ཚེ་བརྟན་དང་མཉམ་དུ་དྲི་བ་དྲིས་ལན་གྱི་ལས་རིམ་སྤེལ།

སྒྲི་སྒྱེ་ནོ་རྭའུ་ཋིའི་གློག་བརྙན་ཁང་གིས་མཉམ་ལས་གཙོ་སྒྲུབ་བྱས།

གཟའ་མིག་དམར། སྤྱི་ཟླ་གསུམ་པའི་ཚེས་༡༨་ཉིན། ཕྱི་དྲོའི་ཆུ་ཚོད་༧:༣༠ཐོག

འཁྲབ་ཁྲིད་པ། བསོད་ནམས།
ལོ། ༢༠༠༦
འཁོར་བསྐྱོད་དུས་ཚོད། སྐར་༩༢
འཁྲབ་ཁྲིད་པའི་ཐོག་མའི་གློག་བརྙན།
བོད་སྐད་དང་དབྱིན་ཡིག་གི་མཆན།

བོད་དུ་ཆེས་མིང་གྲགས་ཆེ་ཞིང་ཀུན་གྱིས་གཙུག་ཏུ་བཀུར་བའི་རྣལ་འབྱོར་སྙན་ངག་པ་མི་ལ་རས་པའི་ཡིད་འོང་མངོན་པར་འཕགས་པའི་རྣམ་ཐར་དེ་གློག་བརྙན་དུ་རང་སྦྱོང་འཁྲབ་ཁྲིད་པ་ཞིག་གིས་བཟོ་སྐྲུན་བྱས་ལ། གློག་བརྙན་ཆ་ཚང་ཁོང་གིས་བྲིས་ཤིང་གློག་འོད་དང་སྒྲིག་བཟོ། ཕྱོགས་སྒྲིག་གི་ལས་ཀའང་ཁོང་རང་གིས་བསྒྲུབས་པ་མ་ཟད། བོད་ཀྱི་གྲོང་གསེབ་དུ་གནས་ཤིང་སྒྱུ་རྩལ་ལ་དང་ཞེན་ལྡན་པའི་འཁྲབ་སྟོན་པ་འབའ་ཞིག་བེད་སྤྱད་ཡོད། མི་ལ་ལོ་ན་གཞོན་ཡང་ངན་སྔགས་ཀྱིས་ཁོང་གི་ཁྱིམ་གྱི་རྒྱུ་ནོར་འཕྲོག་པའི་ཨ་ནེ་དང་ཨ་ཁུ་བཀྲོངས། ཕྱིས་སུ་ཁོང་གི་བྱ་སྤྱོད་ལ་འགྱོད་པ་སྐྱེས་ནས་མཚན་སྙན་ལྡན་པའི་བླ་མ་བཙལ། བླ་མ་དེ་ཉིད་ཀྱིས་རང་གི་སློབ་མར་རྒྱུས་མངའ་ཆ་ཚང་ཞིག་མ་ལོན་གྱི་བར་དུ་ལོ་ཟླ་གྲངས་མེད་ཀྱི་བཀའ་སྡུག་མྱོང་དུ་བཅུག་ནས་དབང་དུ་བསྡུས་བ་ཡིན།


གཟའ་པ་སངས། སྤྱི་ཟླ་གསུམ་པའི་ཚེས་༡༩ཉིན། ཆུ་ཚོད་༧:༣༠ཐོག

རྩྭ་ཐང་།
འཁྲབ་ཁྲིད་པ། པདྨ་ཚེ་བརྟན།
ལོ། ༢༠༠༤
འཁོར་བསྐྱོད་དུས་ཚོད། སྐར་༢༢
འཁྲབ་ཁྲིད་པའི་གློག་བརྙན་ཐོག་མ།
བོད་སྐད་དང་དབྱིན་ཡིག་གི་མཆན།

རྒན་མོ་ཞིག་གི་སྒོ་ཟོག་བོར་ཚེ། ཁོ་མོའི་ཁྱོ་གས་ཉེས་ཅན་སུ་ཞིག་ཡིན་པར་ངེས་གཏན་བྱས་མོད། འོན་ཀྱང་རྒན་མོས་དོགས་པ་ཟ་ས་དེ་ལ་དཀའ་ཁག་ལྷག་མ་སྟེར་ཨེ་འགྲོ་སྙམ་ནས་འཛེམ་དོགས་བྱས། འདི་ནི་འབྲོག་ཁུལ་ཞིག་གི་རྩོད་རྙོག་ཐག་གཅོད་མི་གཅིག་པའི་ལྟ་ཚུལ་ལ་གཟབ་ནན་དང་སེམས་འགུལ་ཐེབས་པའི་ཞིབ་འཇུག་ཅིག་ཡིན།

བུ་མོ་ལྷ་རི།
རིག་ལྡན་རྒྱ་མཚོ།
ལོ། ༢༠༠༥
འཁོར་བསྐྱོད་དུས་ཚོད། སྐར་༢༥
འཁྲབ་ཁྲིད་པའི་གློག་བརྙན་ཐོག་མ།
བོད་སྐད་དང་དབྱིན་ཡིག་གི་མཆན།

ལྷ་རི་ནི་གཞོན་སྐྱེས་བག་མ་ཞིག་ཡིན་ཞིང་གྲོང་གསེབ་ཀྱི་སྐུད་པོ་སྐུད་མོ་ཚོ་དང་མཉམ་དུ་འཚོ་བ་རོལ་དུ་བཏང་། དེ་ཚོས་མོ་རང་གཡོག་མོར་བཀོལ་བ་མ་ཟད་མཚན་མོར་སྒོ་ཟྭ་བརྒྱབ་ནས་ཕྱི་རོལ་དུ་བསྐྱུར། ཁྱོ་གས་བར་འདུམ་བྱེད་མི་ཕོད་པས། ལྷ་རིས་བོད་ཀྱི་དམིགས་བསལ་གྱི་ཐག་གཅོད་བྱེད་སྟངས་སྟེང་ནས་རང་གི་གནས་ཚུལ་རང་གིས་ཐག་གཅོད་བྱེད་པའི་ཐབས་ལམ་བཙལ།

འགྲེམ་གཏོང་རྗེས་སུ་ལྷན་ཚོགས་ཀྱི་བགྲོ་གླེང་བཀོད་སྒྲིག་བྱས་ཡོད། དེར་གློག་བརྙན་བཟོ་སྐྲུན་བ་པདྨ་ཚེ་བརྟན་དང་རིག་ལྡན་རྒྱ་མཚོ་གཉིས་ཀ་ཕེབས་ཡོད་པ་མ་ཟད། སྣེ་ལེན་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད།


གཟའ་སྤེན་པ། སྤྱི་ཟླ་གསུམ་པའི་ཚེས་༢༠ཉིན། ཕྱི་དྲོའི་ཆུ་ཚོད་༧:༣༠ཐོག

འཚོལ།
འཁྲབ་ཁྲིད་པ། པདྨ་ཚེ་བརྟན།
ལོ། ༢༠༠༩
འཁོར་བསྐྱོད་དུས་ཚོད། སྐར་༡༡༢
འཁྲབ་ཁྲིད་པའི་ཚད་ལྡན་གློག་བརྙན་གཉིས་པ།
བོད་སྐད་དང་དབྱིན་ཡིག་གི་མཆན།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཞིག་གིས་ཁོང་གི་ཐེངས་རྗེས་མའི་གློག་བརྙན་ལ་འོས་འཚམས་ཀྱི་གཙོ་འཛིན་འཁྲབ་སྟོན་པ་ཞིག་དང་འཁྲབ་སྟོན་མ་ཞིག་འཚོལ་བའི་ཆེད་དུ་སྡེ་བ་ནས་སྡེ་བ་བརྒྱུད་དེ་གྲོང་གསེབ་བསྐོར། ཁོང་གིས་གཞན་གྱི་སྐད་ཆ་ལས་དགོས་མཁོ་ཅན་གྱི་སྒྱུ་རྩལ་བ་ཐོས་བཞིན་ཡོད་མོད། འོན་ཀྱང་དེ་ཚོ་རྒྱུན་དུ་བྲལ་མ་ཉིད་དམ་ས་ཆ་གཞན་ཞིག་ཏུ་གནས་པའི་གནས་ཚུལ་བྱུང་བས། ཁོ་རང་འཕྱིས་སོང་བ་དང་འདྲ། འཚོལ་ཞེས་པ་ནི་ལམ་གྱི་གློག་བརྙན་ཞིག་སྟེ་རྩ་མེད་དུ་འགྱུར་ལ་ཉེ་བའི་རིག་གནས་ཞིག་ལ་མྱུལ་ཞིབ་བྱས་ཞིང་། ལྟ་མཁན་རྣམས་ཐད་ཀར་དུ་ད་སྐབས་བོད་ཀྱི་ལྟེ་བར་འཁྲིད་ངེས་ཡིན། ཉེ་ཆར་མཛེས་ཆོས་ལྡན་པའི་གློག་བརྙན་འདི་ཐྲོ་རང་ཐྲོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་བཤམ་སྟོན་བྱས་ཤིང་། དེ་ནི་ས་གནས་མི་སྣ་ཞིག་གིས་མགོ་ནས་གཞུག་ཏུ་བོད་ཀྱི་ས་ཆ་དང་བོད་སྐད་བེད་སྤྱད་ནས་བརྙན་བླངས་པ་ཐོག་མར་གྱུར་ཡོད།

གློག་བརྙན་བཟོ་མཁན་དང་མཉམ་དུ་དྲི་བ་དྲིས་ལན་དང་མཇུག་བསྡུའི་མཚན་མོ་སྣེ་ལེན་བཀོད་སྒྲིག་བྱས་ཡོད། ཧར་ལིན་གྱི་ཤོས་ཀིར་ཧེལ་སྦི་རག་གིས་སྦྱིན་བདག་བྱས།

 


འདུ་གནད།

གློག་བརྙན་ཐུང་ངུའི་ལས་རིམ་གཟིགས་པར། HERE ཐུག་ཙམ་ནོན།


སྒྱུ་རྩལ་བརྩམས་ཆོས།

 
 

བསྟན་འཛིན་འཕགས་མོའི་སྒྱུ་རྩལ་བརྩམས་ཆོས༼སྒྱུ་རྩལ་པའི་མིང་དུ་TENZXYའབོད།༽ རྣམས་མེའུ་ཟེལ་་གློག་བརྙན་ཁང་དུ་ཧར་ལིན་གྱི་བོད་༢སྐབས་དང་གསར་བྱུང་གློག་བརྙན་བཟོ་སྐྲུན་པའི་ཁྲོད་དུ་འགྲེམ་སྟོན་བྱས། འཕགས་མོ་ནི་བལ་ཡུལ་ཕོ་ཁར་གྱི་བཀྲ་ཤིས་གླིང་བོད་སྒར་དུ་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། ད་ལྟ་ནེའུ་ཡོག་ཁོན་ཟིར་གནས་སྡོད་བྱས་ཡོད། འབྲེལ་གཏུགས། tenzxy@gmail.com


སྦྱིན་བདག

ལས་རིམ་འདི་ལ་ཧོན་རི་ལོའུ་སི་ཐེབས་རྩ་ཚོགས་པ་དང་ཤེ་ལི་དང་སྦྲོན་ནིལ་རོ་བྷན་ཐེབས་རྩ་ཚོགས་པས་རོགས་སྐྱོར་གནང་། ད་དུང་ཆ་ཤས་སུ་གྲོང་ཁྱེར་ལྷན་ཁང་དང་རོགས་ཟླར་གྱུར་བའི་ནེའུ་ཡོག་གྲོང་ཁྱེར་སྡེ་ཁག་གི་རིག་གནས་ལས་དོན་ཁང་གིས་སྤྱི་དངུལ་གྱི་རོགས་སྐྱོར་གནང་།

སྣེ་ལེན་ཆ་ཚང་ནེའུ་ཡོག་སྲོག་ཆགས་ཀྱི་བོད་མི་དང་ལེན་བ་རྣམས་ཀྱིས་སྦྱིན་བདག་བྱས།