དཔའ་བོའི་ལུང་པ།


VOH Poster (no credits)_filmby.jpg

དཔའ་བོའི་ལུང་པས་བོད་མདོ་སྨད་དཔའ་ལུང་ཡུལ་གྱི་ཡུལ་སྡེ་མང་བོའི་འདས་མ་ད་གསུམ་གྱི་འགྱུར་བ་སྒྲོམ་གཞི་བྱས་ཏེ། དུས་ཀྱི་རྒྱུ་དང་ལོ་རྒྱུས་ཀྱི་རྐྱེན་གང་མང་གིས་འདས་པའི་བགྲང་བྱ་དུ་མའི་རིང་། དཔའ་ལུང་ཡུལ་གྱི་སྐད་དང་རིག་གཞུང་ལ་སྔ་ན་མེད་པའི་གོད་ཆགས་ཆེན་པོ་ཐེབས་ཤིང་། ད་ལྟའི་ཡུལ་དེའི་སྐད་དང་རིག་གཞུང་གི་ཉམས་ང་ཉག་ཕྲར་འགྱུར་བཞིན་པའི་གནས་བབས་གནད་དུ་བཟུང་ཡོད་ཅིང་། གནས་སྟངས་དེ་ལ་ལྟ་བས་མ་བཟོད་པའི་གཞོན་སྐྱེས་སྐོར་ཞིག་གིས་རང་ས་ནས་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བསླངས་ཏེ། ཡུལ་དེར་འཕྱར་བ་གྲུ་འདེགས་ཀྱིས་སྐད་དང་རིག་གཞུང་སློབ་ཁྲིད་བྱེད་པའི་ཚུལ་སོགས། སྲུང་སྐྱོབ་དང་ཉམས་ཉེན་གྱི་འགལ་འདུ་དུ་མ་ཟས་ལ་རྫས་མ་བསྣན་པའི་བརྙན་རིས་ཀྱིས་ད་ལྟའི་བོད་ཀྱི་སྐད་དང་རིག་གཞུང་གི་གནས་སྟངས་དང་མ་འོངས་པར་དྲི་རྟགས་ཤིག་བཀོད་ཡོད་དོ།

མཁའ་བྱམས་རྒྱལ་གྱི་གློག་བརྙན་བརྩམས་ཆོས།

ཁམས་གློག་བརྙན་ལས་གཞི་དང་མཉམ་འབྲེལ་སྒོས་བསྐྲུན།