དཔལ་ལྷ་སྒང་།


འགྲེལ་བཤད། 

དཔལ་ལྷ་སྒང་གི་ས་ཁྱོན་ཆུང་ཡང་ཁམས་མི་ཉག་རིག་གནས་ས་ཁུལ་གྱི་ཆ་ཤས་གཙོ་བོ་ཞིག་ཏུ་གྲུབ་ཡོད། མིང་དུ་གྲགས་པའི་མི་ཉག་གསེར་གྱི་མཆོད་རྟེན་ཆེན་མོ་དེ་སྤྲུལ་སྐུ་བཀྲ་ཤིས་ཀྱིས་བཞེངས། ཁོང་ནི་ས་གནས་དེ་གའི་སྤྲུལ་སྐུ་ཞིག་ཡིན། མི་ཉག་གསེར་གྱི་མཆོད་རྟེན་ཆེན་མོ་དེས་རྒྱ་ནག་དང་ཕྱི་རྒྱལ་ཁབ་ནས་ཡོང་བའི་ཡུལ་སྐོར་བ་མང་པོ་ཞིག་གི་མིག་དབང་འགུག་ཐུབ་པ་མ་ཟད། ད་དུང་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཕན་བདེའི་རོགས་སྐྱོར་ལས་གཞི་འཛིན་སྐྱོང་ལྟེ་གནས་སུ་སྲི་ཞུ་ངེས་ཅན་ཞིག་སྒྲུབ་པ་ཡིན།

གཤམ་གྱི་གློག་བརྙན་ནི་ཁམས་བོད་བདེ་དོན་སློབ་གྲྭའི་སློབ་མ་རྣམས་ཀྱིས་འཆར་འགོད་དང་བརྙན་ལེན་བྱས་པ་ཡིན། སློབ་གྲྭ་དེ་ནི་རྡོ་རྗེ་བཀྲ་ཤིས་མཆོག་གིས་འབྱོར་མེད་དང་དྭ་ཕྲུག་རྣམས་ཀྱི་ཆེད་དུ་གསར་འཛུགས་བྱས་པ་ཞིག་ཡིན། ང་ཚོའི་གཏམ་རྒྱུད་ཞེས་པས་བདེ་དོན་སློབ་གྲྭའི་གཏམ་རྒྱུད་འཆད་པ་ཡིན་ལ། མི་ཉག་གསེར་གྱི་མཆོད་རྟེན་ཆེན་མོ་ཞེས་པ་དེ་ནི་གྲོང་རྡལ་དེའི་མཚན་ཉིད་མཚོན་པའི་མཆོད་རྟེན་ནམ་ལྷ་ཁང་དངོས་ཟིན་དུ་ཕབ་པ་ཞིག་ཡིན། གློག་བརྙན་འདི་ནི་ལས་གཞི་མཐུན་སྦྱོར་བ་སྲས་སྲིལ་ཨེའུ་སི་ཁེའུ་ཧྥིལ་ཨོ་བྷིར་གྷན་གྱིས་ངོས་ཐོག་ནས་སློབ་མ་རྣམས་དང་མཐུན་འགྱུར་བྱས་ཏེ་རྩོམ་སྒྲིག་བྱས་པ་ཞིག་ཡིན།

འདི་ནི་མ་གཅིག་ཚོགས་པ་དང་མཉམ་སྦྲེལ་བྱས་པ་དང་ཤེ་ལི་དང་སྦྲོན་ནིལ་རོ་བྷན་ཐེབས་རྩ་ཚོགས་པ་དང་ཁི་ལོམ་བྷི་ཡ་སློབ་ཆེན་གྱི་སྒྱུ་རྩལ་གློག་བརྙན་སྡེ་ཚན་གྱི་གཏོང་ཕོད་རྒྱབ་སྐྱོར་འོག་ཏུ་ད་གཟོད་འབྱུང་སྲིད་པའི་མཐུན་རྐྱེན་གྲུབ་པ་ཞིག་ཡིན།


འཚོལ་ཞིབ།

  • མི་ཉག་གསེར་གྱི་མཆོད་རྟེན་ཆེན་མོ།
  • ང་ཚོའི་གཏམ་རྒྱུད།

ལས་ཞུགས་མི་སྣ་དང་ལས་ཁུངས།

Participant Filmmakers
Lopzang "Melissa" Chödrön
Rikdzin "Sherrie" Drölma
Wang "Celina" Lhamo
Tenpa "Harry" Dargyé
Tsering "Michael" Samdrup
Könchok "John" Trashi

Facilitator/Editor
Cecil Matthai Esquivel-Obregón

Series Producers
Lynn True
Nelson Walker III

Onsite Translator
Trashi “Alexis” Dekyi

Subtitles/Translation
Chelsea Hall
William McGrath
Tsering Perlo

Special Thanks
Dorjé Tashi Rinpoché
University of Virginia
Columbia University
Teachers, Students, and Staff of the Western Kham Tibet Welfare School


བརྙན་པར།


 སྔར་ལས་མང་བའི་གནས་ཚུལ།

དཔལ་ལྷ་སྒང་སྐོར་གྱི་གནས་ཚུལ་སྔར་ལས་མང་ཙམ་ཤེས་འདོད་ན། གངས་ལྗོངས་དཔེ་མཛོད་ཁང་གོ་དྲྭ་གནས་སུ་ཕེབས་ཤིག
འདིར་ཐུག་ཙམ་གནོན།